Tuesday, November 12, 2013


མི་ཚེ་དོན་དང་ལྡན་པར་བཟོ།

དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི།།

ལན་གཅིག་གྲུ་ཆེན་ཐོབ་བཞིན་རྙེད་དུས་འདིར།།

སྟོང་ལོག་མ་བཏང་ཕན་པའི་ལས་ལ་བརྩོན།།

སེམས་ཅན་ཐམས་ཅད་ཕ་མ་ཡིན་ཤེས་ནས།།

དེ་ལ་སྲོག་གཅོད་མ་བྱེད་བྱམས་སྙིང་བསྐྱེད།།

རང་ལ་ཕན་རྟག་བྱེད་པའི་གང་ཟག་ལ།།

དྲིན་ཡོད་བསམ་ཤིང་གོང་དུ་བསྐུར་བར་བྱ།།

རང་ལ་བསམ་ངན་བསྐྱེད་པའི་དགྲ་བའོ་རྣམས།།

ཁོང་ཁྲོ་ཞེ་སྡང་ཁྲག་དོག་མ་བསྐྱེད་ཅི།།

དེ་ལ་བཟོད་སེམས་བསྐྱེད་ནས་ལེགས་པར་བྱ།།

རང་གིས་བྱེད་པའི་ལས་ལ་རྟག་ཤིང་བྱ།།

སྐྱོན་ཡོད་ཤེས་ནས་ལེགས་བཅོས་བྱེད་པར་ཤེས།།

བྱ་བ་མ་གྲུབ་སྔོན་ལ་བསམ་བློ་བཏང་།།

དུས་ཚོད་གསེར་བ་རྙེད་པ་དཀའ་ཤེས་ནས།།

འཕྲོ་ལོག་མ་བཏང་ཕན་པའི་ལས་ལ་བརྩོན།།

བདག་གིས་བཤད་པའི་ལོ་རྒྱུས་ཅུང་ཟད་ལ།།

ཤེས་རབ་མ་ལྡན་སྐྱོན་ཡོད་བདག་གིས་བསམ།།

ཡིན་ཀྱང་བློ་རིག་ལྡན་པའི་མཁྱེན་ལྡན་གྱིས།།

སྣང་མེད་མ་བསྐྱེད་སྐྱོན་ལ་ཡོན་ཏན་བྱེད།། །།

 

No comments:

Post a Comment